Tuesday, 22 July 2014

ཚ་བ་མདའ་སྨྱུག་གི་ལོ་རྒྱུས་མདོར་བསྡུས།



ཚ་བ་མདའ་སྨྱུག་གམ་ཚ་སྒང་བློ་གྲོས་དཔལ་ལྡན་གྱི་ངོ་སྤྲོད་མདོར་བསྡུས།

ཕྲན་ནི་རྩོམ་པ་པོ་ཞིག་མིན་ཀྱང་མི་སྣ་འདི་དང་ཐོག་མཐའ་གཉིས་ཀར་འབྲེལ་འདྲིས་ཆེ་ཤོས་ཤིག་ཏུ་ཡིན་བཟོ་འདུག་ལ་ཉེ་ཆར་ཕྱོགས་མཐའ་ཀུན་ནས་ཁོ་ལ་བཟང་ངན་ཅི་རིགས་སུ་གཟིགས་བཞིན་པའི་ཤེས་ལྡན་གྱི་མི་སྣ་མང་པོས་ཁོའི་ལོ་རྒྱུས་ཤེས་འདོད་ཡོད་པ་གོ་ཐོས་བྱུང་ལ་བློ་དཀར་འགས་ངོ་སྤྲོད་ཅིག་འགོད་ན་དགེ་མཚན་ཆེ་ཚུལ་བརྗོད་བྱུང་བས་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་སྙན་ཞིང་ཡིད་དུ་འཐད་པ་ཞིག་འབྲི་མི་ཤེས་ཀྱང་མཐོང་ཐོས་དངོས་བྱུང་གང་ཤེས་མདོར་བསྡུས་ཤིག་ཡིག་ཐོག་ཏུ་འགོད་རྒྱུ་ལས་བཟང་ངན་གྱི་དབྱེ་ཞིབ་གང་ཡང་བྱ་རྒྱུ་མིན། དེ་ཡང་ཁོང་ནི་བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་མདོ་སྟོད་བར་ཁམས་ཚ་བ་དཔའ་ཤོད་དམ་སྒང་དྲུག་གི་ཡ་གྱལ་ཚ་བ་སྒང། དེར་འབྲོག་སྡེ་སྟོད་སྨད་གཉིས་ལས་སྒང་སྟོད་སྐུ་ལྷ་ངང་ཡག་ཅེས་པའི་གནས་རི་དང་ཉེ་བའི་གྲོང་སྡེ་དབེན་མདའ་ཞེས་པར་ཕ་ཟ་སུ་དགེ་ལེགས་དང་མ་དཔེ་རུ་མ་ཡེ་ཤེས་དབང་མོ་གཉིས་ཀྱི་རིགས་སུ་རབ་བྱུང་བཅུ་དྲུག་ཤིང་ཕོ་སྟག་གི་ལོར་སྐྱེས།

Monday, 14 July 2014

གློག་ཀླད་སྐོར་གྱི་དཔེ་དེབ་གསར་ཐོན།




གློག་ཀླད་ལ་འཇུག་པའི་རྨང་གཞིའི་

ཤེས་བྱ།

The Basics Of Computer Learning


ཚ་བ་ཡེ་ཤེས་བསམ་གཏན་གྱིས་སྒྲིག་རྩོམ་བྱས།

        
  དེང་གི་དུས་སུ་འཛམ་གླིང་ཕྱོགས་གང་སར་བརྡ་འཕྲིན་གསར་པའི་དུས་རབས་ཤིག་ལ་འཇུག་བཞིན་པ་ཡིན་སྟབས། རང་རེ་བོད་མི་རྣམས་ཀྱང་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས་དུས་རབས་དང་རྗེས་མཐུན་པ་ཞིག་བསྐྱོད་དགོས་པ་ནི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན་པ་བརྗོད་ག་ལ་དགོས། དེར་བརྟེན་གུས་པས་ལོ་ངོ་ཕྱེད་ལྷག་དུས་ཚོད་བཏང་ནས་ཕ་སྐད་གཙང་མའི་ལམ་ནས་སྒྲིག་སྦྱོར་བྱས་པའི་གློག་ཀླད་སྦྱོང་དེབ་(གློག་ཀླད་ལ་འཇུག་པའི་རྨང་གཞིའི་ཤེས་བྱ་)ཞེས་པའི་དཔེ་དེབ་འདི་༸རྒྱལ་བའི་འཁྲུངས་སྐར་ཉིན་དངོས་སུ་འགྲེམས་སྤེལ་ཞུས་ཡོད།
          དཔེ་དེབ་འདིའི་བརྗོད་དོན་སྙིང་པོ་ནི། དྲ་རྒྱའི་བརྒྱུད་ལམ་ཁག་བཀོལ་སྤྱོད་བྱེད་སྟངས་གཙོ་བོར་གྱུར་པའི་གློག་འཕྲིན་ཁ་བྱང་རིགས་བཟོ་སྟངས་དང་། རིན་མེད་དྲ་ཚིགས་བཟོ་སྟངས། དཔེ་དེབ་སྒྲིག་སྦྱོར་བྱེད་སྟངས། འཕྲུལ་དེབ་བཟོ་སྟངས་སོགས་བརྗོད་གཞི་ཁག་དམིགས་སུ་བཟུང་ནས་རྩ་བའི་ས་བཅད་ཆེན་པོ་བཅུས་གྲུབ་ཡོད། འདི་ནི་ཐོག་མར་གློག་ཀླད་ཀྱི་རྨང་གཞིའི་ཤེས་བྱ་ལ་འཇུག་པར་སྤྲོ་བའི་ལས་དང་པོ་བ་རྣམས་ལ་ཆེད་དུ་དམིགས་ཡོད་ལ། ལྷག་པར་དུ་ཚོགས་སྡེ་དང་སློབ་གྲྭ་ཁག་སོ་སོའི་གློག་ཀླད་སྡེ་ཚན་གྱི་ཁོངས་སུ་གློག་ཀླད་སློབ་ཁྲིད་ཀྱི་གཞོགས་འདེགས་ཡོང་སླད་སློབ་མ་རྣམས་ལ་ཟུར་ལྟའི་སློབ་དེབ་ཡོང་བའི་རེ་བ་ཞུ་བཞིན་ཡོད། དེར་བརྟེན་སྐུ་ཉིད་མཆོག་གིས་གཤམ་གསལ་ཁ་བྱང་ཐོག་གཟིགས་གནང་ཡོད་པར་ཞུ།
 
གུས་པའི་འབྲེལ་གཏུག་ཁ་བྱང་།
ཁ་པར་ཨང་། +91 8894431157 / +91 9882194303
སྐད་འཕྲིན་ཁ་བྱང་། yeshi8899
གློག་འཕྲིན་ཁ་བྱང་། yesam2011@gmail.com