Sunday, 9 December 2012

དགེ་རྒན་ཉིན་མོ།

དགེ་རྒན། ངའི་གནས་ལུགས་ཀྱི་འབྱུང་ཁུངས་སྟོན་པའི་ཉི་མ་སེར་པོ།
དགེ་རྒན། ངའི་མི་ཚེ་ལ་འོད་སྣང་སྦྱིན་པའི་ཟླ་བ་འཇམ་པོ།
དགེ་རྒན། ངའི་འཚོ་བ་ལ་རོ་བཅུད་སྩོལ་བའི་སྦྲང་རྩི་མངར་མོ།
དགེ་རྒན་ལགས། དེ་རིང་ཁྱེད་ཀྱིས།
འཇིག་རྟེན་སྨག་ལ་བྱིན་པའི་བྱམས་བརྩེའི་འོད་སྣང་།
ཤེས་རིག་སྒོ་བརྒྱ་འབྱེད་པའི་གསར་བཏོད་ཀྱི་སྙིང་སྟོབས།
ཀུན་ཕན་ལས་ལ་གཞོལ་བའི་ལྷག་བསམ་གྱི་དན་རྟགས།
ཡོད་ཚད་དུས་ཀྱི་མེ་ལོང་ངོས་ན།
གསལ་ལེར་ཤར་བའི་ཉིན་མོ་ཞིག་རེད།

དགེ་རྒན། ངའི་བདེ་དོན་ལ་ལས་དབང་གནང་བའི་སེམས་ཀྱི་མཆོད་རྟེན།
དགེ་རྒན། ངའི་བློ་གྲོས་ལ་དཔྱོད་ཤེས་སྩོལ་བའི་ཤེས་རབ་ཀྱི་ར་གྲི།
དགེ་རྒན། ངའི་སློབ་བུ་ཡོངས་ཀྱི་འདུན་མ་བཅོལ་སའི་མེ་འོད་དྲོན་པོ།
དགེ་རྒན་ལགས། ང་ཚོའི་ཡོད་ཚད་ཡིན་པས།
ལོ་ཟླ་ཇི་ཙམ་འཁོར་ཀྱང།  ཇི་སྲིད་འཚོ་བའི་བར་དུ།
ཁྱེད་ནི་བདེ་ཞིང་སྨོན་པའི་ལྷད་མེད་དྭངས་གཙང་གི་སྨོན་ལམ།
དུས་ནམ་ཡང་ཁྱེད་ལ་འབུལ།

No comments:

Post a Comment