གུས་པ་བོད་ཤར་ཕྱོགས་ཁམས་སྟོད་ཚ་བ་མཛོ་སྒང་གི་ཁོངས་སུ་གཏོགས་པའི་ཚ་བ་གཡག་སྟག་ཅེས་པའི་ཡུལ་ལུང་ཆུང་ཆུང་ཞིག་གི་ནང་ཕ་བསོད་ནམས་ཚེ་བརྟན་དང་མ་རྡོ་རྗེ་མཚོ་མོ་གཉིས་ཀྱི་ཤ་ཁྲག་ལས་མཆེད་ནས་ཡུན་རིང་མ་སོན་པར་རབ་བྱུང་གི་ཚུལ་ལེན།
ལོ་བརྒྱད་ཙམ་ནས་ཡུལ་དགོན་བཀྲ་ཤིས་ཆོས་གླིང་དུ་ཞུགས་ནས་ཐོག་མར་ཀ་ཁ་ནས་འགོ་བརྩམས་ཏེ་དམ་ཆོས་སྦྱོར་ཀློག་བར་དུ་སློབ་སྦྱོང་བྱས་ནས་མཐར་ཕྱི་ལོ་
༡༩༩༩ ལོར་ཆབ་སྲིད་ཀྱི་རྐྱེན་པས་མི་ཡུལ་བཙན་བྱོལ་དུ་སླེབས་ནས་༸གོང་ས་མཆོག་གི་གསེར་ཞལ་ཐོག་མར་མཇལ་རྒྱུ་བྱུང་།
དེ་ནས་རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གི་ཡ་གྱལ་སེར་བྱེས་འབྲིང་རིམ་སློབ་གྲྭར་སློབ་སྒོར་ཞུགས་ཏེ་ཉིས་སྟོང་བདུན་ལོར་འཛིན་རིམ་བཅུ་པ་ཐོན།
རང་ཉིད་ཀྱི་དམིགས་ཡུལ་དང་བོད་ཡིག་ལ་བཅངས་པའི་འདུ་ཤེས་མ་ཉམས་སྟབས་ཉིས་སྟོང་བཅུ་གཅིག་ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཡིག་རྒྱུགས་ཀྱི་ལམ་ནས་ཐད་ཀར་ཚུད་དེ་ཉིས་སྟོང་བཅུ་གསུམ་ལོར་སྐབས་བཅུ་གཉིས་པའི་རིག་གནས་རབ་འབྱམས་པ་སློབ་མཐར་ཕྱིན། ད་ལྟ་ཀྱག་ཀྱོག་ཆེ་བའི་སྤྱི་ཚོགས་ཀྱི་ལམ་བུར་ཞུགས་པ་བཅས་མདོར་བསྡུས་སུ་བྱས།
༢༠༡༣་༦་༣ ཉིན་བྲིས།
༢༠༡༣་༦་༣ ཉིན་བྲིས།

ཀྱག་ཀྱོག་ཆེ་བའི་ལམ་བུར་མདུན་ནས་མདུན་དུ་སྐྱོད་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ།
ReplyDeleteབཀྲ་ཤིས་བདེ་ལེགས་ཡེ་བསམ་ལགས། ང་བསྡོད་གནས་ཨ་རི་ཡིན། དེ་རིང་ང་དྲྭ་ངོས་སུ་ཉུལ་བཞིན་པའི་སྐབས་སུ་ཁྱེད་ཀྱི་དྲྭ་ཚིགས་འདི་རྙེད་སོན་བྱུང་། གཅིག་བྱས་ན་ངེད་གཉིས་དྲྭ་འབྲེལ་གྱི་ལས་འཕྲོ་ཡོད་པ་འདྲ། ངེད་གཉིས་གུ་གུལ་གྱི་དྲྭ་ཚིགས་གཉིས་པོ་ལུགས་མཐུན་གྱི་ཆང་ས་བརྒྱབ་བཅུག་ན་གང་འདྲ་འདུག ཧ་ཧ་ཧ། སྐུ་རྩེད་ཞུས་ཡིན། ཁྱེད་བཞུགས་གནས་རྡ་ས་ཡིན་པར་ཤེས་སོང་། ངས་བོད་ཡིག་ཀྱི་དྲྭ་ཚིགས་website གསར་པ་ཞིག་བཟོ་མཁན་འཚོལ་བཞིན་པ་ཡིན་པས་ཁྱེད་ནས་རོགས་རམ་གནང་ཨི་ཐུབ་ལགས། བཀའ་ལན་ཞིག་གནང་རོགས། ང་ལོ་རྗེས་མར་རྒྱ་གར་ལ་ཡོང་འཆར་ཡོད། ངོས་ཀྱི་དྲྭ་ཚིགས་གཤམ་དུ་ཕུལ་ཡོད།
ReplyDeletehttps://www.khenpokarten.org/